TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༢ ཚེས་༢༩
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་སྩལ་བ་དང་། ཡེ་ཤུའི་ཆོས་དཔོན་ཊུ་ཊུ་ཡི་ནང་མིར་ཐུགས་གསོ་གནང་བ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཨ་རིའི་རྒྱལ་སར་ལོ་ལྔ་བཅུའི་དུས་དྲན་འཚོགས་པ། སྤྱི་ཚོགས་དྲ་རྒྱ་དང་འོས་བསྡུར་ཤུགས་རྐྱེན། ཡུ་གུར་བ་ཁག་ཅིག་ཏུར་ཀིར་སྐྱབས་བཅོལ་དུ་ཕྱིན་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་དཔལ་ལྡན་འཇམ་དབྱངས་ལགས་ལ་རྒྱ་ནག་གཞུང་གིས་ཁམས་བྲག་འགོའི་དགེ་ལྡན་ནང་བསྟན་སློབ་གྲྭ་བཙན་གྱིས་སྒོ་བརྒྱབ་པ་དང་བྲག་འགོ་ས་ཆར་བཞེངས་ཡོད་པའི་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་བཙན་གྱིས་བཤིག་པ་སོགས་ལ་བརྟེན་ད་ལྟའི་ཁམས་བྲག་འགོའི་གནས་སྟངས་ཛ་དྲག་པོ་ཆགས་ཡོད་པའི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་སྒོ་ཤེར་ལགས་ལ་ཁ་གསལ་མེད་པའི་ཁྲིམས་ཐག་བཅད་པ་ནི་བོད་ལྗོངས་མི་དམངས་མཐོ་རིམ་ཁྲིམས་ཁང་གིས་ཕྱིར་ཟློག་བྱེད་དགོས་པ་ཞིག་རེད་ཅེས་དག་སེལ་ཡི་གེ་འབྲི་མཁན་ཁྲིམས་ལུགས་རིག་པ་བ་སྒྲོལ་མ་སྐྱབས་ལགས་ལ་བཅར་འདྲི་དང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་ནག་ལ་བཏང་བའི་བརྡ་ལན་སོགས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།