TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༠ ཚེས་༢༩
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ལ་གསུང་འཕྲིན་དང་། རྩོམ་པ་པོ་དྷི་ལྷ་ལྡན་བཙོན་འཇུག་བྱས་པར་ངོ་རྒོལ། ལྷོ་ཤར་ཨེ་ཤེ་ཡའི་ཚོགས་ཆེན་མཇུག་སྒྲིལ། ཐེ་ཝན་གྱི་བདེ་འཇགས་ལ་བྷ་ཌན་གྱིས་ཁས་ལེན། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོས་བོད་རྒྱ་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལ་བོད་རང་སྐྱོང་ལྗོངས་ཞེས་པའི་འགོ་ཁྲིད་བརྗེ་སྤོར་གྱི་ཐད་བགྲོ་གླེང་ཞུས་པ་དང་། བསོད་ནམས་དབྱངས་འཛོམས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལ་ཨ་རིའི་ལག་རྩེད་སྤོ་ལོ་རྩེད་མཁན་གྲགས་ཅན་ཀན་ཊིར་ལ་བོད་དོན་ངོ་སྤྲོད་བྱས་པའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།