ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༧/༢༢

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༧ ཚེས་༢༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་འཛམ་གླིང་ཐོག་བདེ་སྐྱིད་སྔར་ལས་ལྷག་པ་ཞིག་བསྐྲུན་ཚུལ་གྱི་བགྲོ་གླེང་ཐོག་གསུང་བཤད་གནང་བ་དང་། རྒྱ་གར་གྱི་ཆར་ཞོལ་ངལ་སེལ་ཆེད་ཞལ་འདེབས་གནང་བ། ཨ་རིའི་ཕྱི་སྲིད་དྲུང་གཞོན་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད། ཏོག་ནད་ཀྱི་ཉེན་ཚབས། ཊུ་ནི་ཤི་ཡའི་ནང་གི་ངོ་རྒོལ་སོགས་ཡོད།། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ལ་ཞི་ཅིན་ཕིང་བོད་དུ་སླེབས་པར་བོད་མིའི་སྒྲིག་འཛུགས་ལ་གཟིགས་ཚུལ་ག་རེ་ཡོད་པའི་ཐད་བཅར་འདྲི་ཞུས་པ་དང་། བསྟན་འཛིན་ནོར་བཟང་ལགས་ཀྱིས་བཙན་བྱོལ་བོད་མིའི་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་ཡེ་ཤེས་ཕུན་ཚོགས་དང་། སུད་ཚོང་པ་བསྟན་འཛིན་སྒྲོལ་མ་ལགས་རྣམ་གཉིས་དང་ལྷན་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG