ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༡༩

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༥ ཚེས་༢༨

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གསར་པའི་དམ་འབུལ་དང་། ཏོག་ནད་ཀྱི་འབྱུང་ཁུངས་ལ་བརྟག་དཔྱད་བྱ་དགོས་ཞེས་སྲིད་འཛིན་བྷ་ཌན་གྱིས་བཀའ་ཕབ་པ། དཀྱིལ་ཤར་ས་ཁུལ་གྱི་ཞི་བདེའི་ལས་དོན། ཨ་རིའི་ནང་ཉེན་རྟོག་དཔུང་སྡེར་ལེགས་བཅོས་ཐད་བགྲོ་གླེང་བྱེད་བཞིན་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ཁོར་ཡུག་སྐོར་གྱི་རྩོམ་ཡིག་འགྲན་བསྡུར་དང་། བསྟན་འཛིན་རྒྱ་མཚོ་ཚན་རིག་སློབ་ཡོན། ཨ་རི་སོགས་ནས་རྒྱ་གར་ནང་བསྐྱོད་པར་དང་བླངས་བོད་པའི་སྨན་ཞབས་བསྡུ་བཞིན་པ་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་རྣམ་རྒྱལ་ཤསྟྲི་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཟུར་པ་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་དང་། བོད་གནས་དབྱེ་ཞིབ་པ་ཀུན་བཟང་བསྟན་འཛིན་ལགས་གཉིས་དང་ལྷན་སྲིད་སྐྱོང་གི་དམ་འབུལ་དང་མང་ཚོགས་ལ་གནང་བའི་དམ་འབུལ་གཏམ་བཤད། མ་འོངས་གདོང་ལེན་བཅས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG