TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༤ ཚེས་༢༨
ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རྒྱ་གར་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་། ལྡི་ལིའི་བོད་ཀྱི་འབྲས་ནད་ཚོགས་པས་བོད་མིར་རོགས་རམ་གང་འཐུས། པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར། ༢༠༢༠ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། བྷ་ཌན་གྱི་ཉིན་བརྒྱའི་ལས་དོན་ལ་དཔྱད་སྡོམ་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ལ་༢༠༢༠ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བཅར་འདྲི་ཞུས་པ་དང་། བསོད་ནམས་གཡང་འཛོམས་ལགས་ཀྱིས་སྐུའི་བླ་སྨན་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ལ་རྒྱ་གར་དུ་ཚབས་ཆེར་འགྲོ་བཞིན་པའི་ཏོག་དབྱིབས་རིམས་ནད་ཀྱི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།