TV Schedule

ཀུན་གླེང་། ༢༠༢༢ ལོའི་ཟླ་༡ ཚེས་༢༨
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་ཨུ་རུ་སུས་ཡུག་ཀེ་རན་གྱི་ཐད་འབྲེལ་མོལ་དང་། ཨ་རིའི་ལག་རྩེད་སྤོ་ལོ་བ་ཀན་ཊིར་ལ་བཅར་འདྲི། པེ་ཅིང་ཨོ་ལིམ་པིག་ལ་ངོ་རྒོལ། རྒྱ་གར་དུ་རྒྱལ་ཁབ་ཀྱི་དུས་ཆེན་སྲུང་བརྩི་བྱས་པ། འཛམ་གླིང་ཡོངས་ཁྱབ་ཏུ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་འཕར་བཞིན་པ། གསར་འགྱུར་ཕྱོགས་བསྡུས་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་སམ་བྷོ་ཊ་ཚིག་མཛོད་འཚོལ་ཞིབ་ཅེས་པའི་བཀོལ་ཆས་དང་དྲ་དམངས་ཀྱིས་སྐུ་པར་གསར་འགྱུར་ལ་དགའ་བསུ། གློག་བརྙན་འཁྲབ་སྟོན་པ་ཞིག་ལ་རྒྱ་ནག་གི་དྲ་དམངས་ཀྱིས་རུབ་རྡུང་། བོད་ནང་དུ་དྲ་ལམ་ཐད་གཏོང་གི་ཚོང་ལས་དང་མགོ་སྐོར་གྱི་བགྲོ་གླེང་འབྱུང་བཞིན་པ་བཅས་འདུས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ཝ་ཤིང་ཊོན་སློབ་གྲྭ་ཆེན་མོའི་མི་རྒྱུད་དཔྱད་ཞིབ་རིག་པའི་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ལ་ཨ་རིའི་གཞུང་དམངས་གཉིས་དང་རྒྱལ་ཡོངས་གྲོས་ཚོགས་བཅས་ཀྱི་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་ཐབས་དང་། བྱང་ཨ་རིའི་བོད་པ་ཚོས་བོད་དོན་འཐབ་རྩོད་ཀྱི་ནུས་པ་རྒྱ་སྐྱེད་བཏང་སྟེ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཕྱོགས་བཅས་ཀྱི་ཐད་བཅར་འདྲི་ཞུས་ཡོད།།