ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༧/༢༡

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༨ ཚེས་༢༧

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱེད་བཞིན་པའི་སྐབས་འཇིགས་སྐུལ་ཚོགས་པས་གཏོར་རྒོལ་བཏང་བ་དང་། རྒྱ་གར་དུ་གནས་འཁོད་ཨབ་གྷ་ཎི་སི་ཐན་པས་སྐྱབས་བཅོལ་སྐད་འབོད་བྱས་པ། ཨ་རིའི་སྲིད་འཛིན་གཞོན་པས་ཨེ་ཤ་ཡར་འཚམས་གཟིགས་སྐབས་རྒྱ་ནག་ལ་ཉེན་བརྡ་བཏང་བ་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ས་རཱ་མཐོ་རིམ་སློབ་གཉེར་ཁང་དབུས་བརྙེས་ནས་ལོ་༢༣་འཁོར་བ་དང་འདས་པའི་ལོ་ངོ་དེ་དག་གི་གྲུབ་འབྲས། མ་འོངས་པའི་འཆར་གཞི་དང་ཡར་རྒྱས་གཏོང་ཕྱོགས་སོགས་ལ་རིགས་སློབ་མ་ལག་གི་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་དང་ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཟུར་དང་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་བཀྲ་ཤིས་རྡོ་རྗེ་རྣམ་གཉིས་ལ་བཅར་འདྲི་ཞུས་ཡོད།།

XS
SM
MD
LG