TV Schedule

ཀུན་གླེང་། ༢༠༢༢ ལོའི་ཟླ་༧ ཚེས་༢༧
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་དབུ་འཛུགས་དང་། ༧གོང་ས་མཆོག་གི་ལ་དྭགས་ཀྱི་མཛད་འཕྲིན། བོད་ཀྱི་ཆབ་སྲིད་བཙོན་པ་བསྟན་འཛིན་ཆོས་འཕེལ་ལ་བཙོན་འཇུག་ཁྲིམས་ཆད། སྤྲེལ་འབྲུམ་ནད་ཡམས། ཡེ་ཤུའི་བླ་ཆེན་གྱི་འགྱོད་བཤགས་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གིས་ལ་དྭགས་སུ་ཆེད་བརྫངས་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་དང་ལྷན་༧གོང་ས་མཆོག་གིས་ལ་དྭགས་ཀྱི་སློབ་ཕྲུག་ཚོར་བསྩལ་བའི་བཀའ་སློབ་དང་ཁྲིག་སེ་དགོན་གྱི་དཔེ་མཛོད་ལ་རབ་གནས་གནང་བ་སོགས་མཛད་འཕྲིན་ངོ་སྤྲོད་བྱས་ཡོད། དེ་བཞིན་ཚེ་རིང་སྐྱིད་ལགས་ཀྱིས་ཀེ་ན་ཌར་གནས་བཞུགས་འབུམ་རམས་པ་རྒྱལ་ལོ་ལགས་དང་ལྷན་ཡེ་ཤུའི་གནམ་བདག་ཆོས་སྡེ་ཁག་གིས་གཉེར་བའི་བཅའ་སྡོད་སློབ་གྲྭའི་ནང་ཀེ་ན་ཌའི་གདོད་མའི་མི་རིགས་ཀྱི་ཕྲུ་གུ་སྟོང་ཕྲག་མང་པོ་ཡེ་ཤུ་ལ་བསྒྱུར་ཏེ་གདོད་མའི་མི་རིགས་ཁག་གི་ངོ་བོ་དང་རིག་གཞུང་བཙན་སྒྱུར་བྱས་པའི་ལོ་རྒྱུས་དང་། རྒྱ་ནག་གིས་བོད་དུ་སྤེལ་བཞིན་པའི་སྲིད་ཇུས་གཉིས་གཤིབ་བསྡུར་སྒོས་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།