ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༧/༡༨

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༠ ཚེས་༢༧

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་སྙིང་རྗེ་དང་ཆེ་མཐོང་ཐད་ལམ་སྟོན་བཀའ་སློབ་གནང་བ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ཀ་རྡོར་སྒང་གསུམ་ལ་ཕྱོགས་ཕེབས་གནང་བ། པེ་ཅིང་ཨོ་ལིམ་པིག་ལ་ངོ་རྒོལ། ལྷོ་ཤར་ཨེ་ཤེ་ཡའི་ཚོགས་ཆེན་དབུ་འཛུགས། འཛམ་གླིང་གནམ་གཤིས་ཚོགས་ཆེན། ནུབ་ཆིངས་སྒྲིག་འཛུགས་དང་རྒྱ་ནག་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྣམ་རྒྱལ་ཤསྟྲི་ལགས་ཀྱིས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་རྒྱུན་ལས་དྲུང་གཞོན་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་དང་། ཡིག་གཟུགས་སྒྱུ་རྩལ་པ་དང་རིག་གནས་དཔྱད་ཞིབ་པ་འཇམ་དབྱངས་རྡོ་རྗེ་རྣམ་གཉིས་གདན་འདྲེན་ཞུས་ནས་རྒྱ་གར་གྱིས་ཕྱི་འབྲེལ་ཐབས་ཇུས་ནང་ནང་ཆོས་ཇི་ལྟར་བཀོལ་སྤྱོད་བྱས་ཡོད་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG