TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༥ ཚེས་༢༦
ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་དང་འབྲེལ་ལམ་གཙོ་རྣམ་གསུམ་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་བ། ཁྲིམས་ཞིབ་པ་གསུམ་གྱིས་ལས་ཁུར་རྒྱུན་སྐྱོང་། མགོ་ལོག་ས་ཁུལ་གྱི་ས་ཡོམ། རྒྱ་གར་དུ་ཏོག་ནད་གནས་སྟངས། བདམས་ཐོན་སྲིད་སྐྱོང་གི་དམ་འབུལ་ལས་འཆར་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་པདྨ་རྡོ་རྗེ་ལགས་ཀྱིས་ལོ་བདུན་ཅུའི་སྔོན་ལ་བཞག་པའི་གྲོས་མཐུན་ནམ་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་གཞུང་འབྲེལ་ལྟ་སྟངས་དང་། མ་འོངས་བོད་རྒྱ་འབྲེལ་མོལ་སོགས་ལ་དེ་ཡིས་ཤུགས་རྐྱེན་ཐེབས་སྲིད་མིན་ཐད་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་རྩོམ་པ་པོ་བསོད་རྡོར་ལགས་དང་། ཀོ་ལིམ་བྷི་ཡ་གཙུག་ལག་མཐོ་སློབ་ཀྱི་འབུམ་རམས་སློབ་གཉེར་བ་ཚེ་དབང་རིག་འཛིན་ལགས། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུགས་ལགས་བཅས་དང་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།