TV Schedule
ཀུན་གླེང་། ༢༠༢༤ ལོའི་ཟླ་༡ ཚེས་༢༤
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིས་ཨི་སི་རེལ་དང་པ་ལི་སི་ཐན་གྱི་ཐད་འཛིན་པའི་སྲིད་ཇུས་ནི་འོས་བསྡུའི་ཁྲོད་ཀྱི་གནད་དོན་གཙོ་བོ་ཞིག་ཏུ་ཆགས་པ་དང་། ཨུ་ཡུག་དམག་འཁྲུག་ཁྲོད་རྡུལ་ཕྲན་གོ་མཚོན་བཀོལ་སྲིད་པའི་ཉེན་ཁ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གསར་པ། ཇོ་ནང་སྨོན་ལམ་ཆེན་མོ། རྒྱ་གར་གྱི་མང་གཙོ་དུས་ཆེན་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་མིས་ཀུ་ཤུ་ཁ་པར་སྤྱད་པར་རྒྱ་མིས་ཁ་རྡུང་བཏང་བ་དང་། ཨ་རིའི་གཞུང་གིས་བོད་ཡིག་ཏུ་བསྒྲགས་གཏམ་སྤེལ་བ། རྒྱ་ནག་ཁྲིམས་ལུགས་འཆད་ཁྲིད་འཛིན་གྲྭ། ཨ་རིའི་སློབ་ཆེན་དུ་ཁེ་ལས་ཟབ་སྦྱོང་ལ་ཞུགས་སྟངས་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་འགྲུབ་ལགས་ཀྱིས་མ་ཤི་གསོན་བྲལ་གྱི་རྩོམ་པ་པོ་དང་སུད་སིར་གནས་བཞུགས། རྡོ་སྦིས་ཀླུ་རྒྱལ་དོན་འགྲུབ་ལགས་གདན་འདྲེན་ཞུས་ནས་བོད་ལ་འཁོར་ཞག་ཏུ་ཕྱིན་པའི་མྱོང་ཚོར་དང་རྒྱ་ནག་གི་བསླུ་བྲིད། དེ་བཞིན་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་གཉའ་གནོན་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།