ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༡༢

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡ ཚེས་༢༦

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱ་རྩིས་ཡོད་པར་གདོང་ལེན་དང་། གནས་བརྟན་པའི་དགེ་སློང་ཞིག་གཤེགས་པར་ཐུགས་གསོ། ཏོག་ནད་ཀྱི་སྨན་ཁབ་གསར་པ། ཨ་རིའི་ནང་གི་མངལ་ཕྲུག་དང་སྐྱེས་མའི་ཐོབ་ཐང་ཁྲིམས་ཡིག ཨ་རིར་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོ་མང་པོ་ཕྱིར་འཐེན་བྱས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ལ་ནུབ་ཕྱོགས་སུ་ནང་པའི་དྲན་པ་ཉེར་བཞག་ངོ་སྤྲོད་གནང་མཁན་ནང་པའི་དགེ་རྒན་ཐོག་མའི་གྲས་དང་། ལྷག་པར་དུ་དུས་རབས་༢༠་པར་ནང་པའི་ལྟ་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པ་ཞེས་པའི་དགོངས་པ་ཁྱབ་སྤེལ་གཏོང་མཁན་དགེ་སློང་ཐིག་ནཏ་ཧཱན་གྱི་སྐུ་ཚེའི་མཛད་པའི་ཐད་བཅར་འདྲི་བྱས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་སེར་བྱེས་དྲ་ཐོག་སློབ་གྲྭའི་འབྲེལ་མཐུད་པ་དགེ་བ་བཟང་བོ་ལགས་ལ་འཛམ་གླིང་གི་ས་ཆ་གང་སར་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་གོ་སྒྲིག་བྱས་པའི་གཟའ་མཇུག་བོད་ཡིག་འཛིན་གྲྭ་ཡར་རྒྱས་དང་ལེགས་བཅོས་གཏོང་སྟངས་སོགས་ལ་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG