TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༨ ཚེས་༢༥
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་ཐད་བོད་ཀྱི་རིག་གཞུང་གི་ལེགས་སྐྱེས་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ལ་དྭགས་སུ་འཚམས་གཟིགས། ཨ་རིའི་མི་སེར་དང་ལས་རོགས་མང་པོ་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན། ཡུ་རོབ་ཏུ་སྐྱབས་བཅོལ་བའི་མཐོ་རླབས་གསར་པར་བློ་འཚབ་བྱེད་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་དང་ལྷན་ཚེ་བཙོན་ལ་བཅུག་ཡོད་པའི་རྡོ་རྗེ་བཀྲ་ཤིས་ཀྱི་གནས་སྟངས་དང་ཁོང་ལ་སྡུག་སྦྱོང་མནར་གཅོད་བཏང་བའི་བདེན་དཔང་སྙན་ཐོའི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ལ་རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུའི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།