ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༢༠

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༦ ཚེས་༢༥

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་བལ་གཉིས་སུ་ཡོད་པའི་བཙན་བྱོལ་བོད་མི་དང་རྒྱ་གར་གྱི་མི་སེར་རྣམས་ལ་ཏོག་ནད་འགོག་ཁབ་རྒྱག་ཚད་ཤུགས་ཆེར་འགྲོ་བཞིན་པ་དང་། ༢༠༢༢ པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ལ་ངོ་རྒོལ། ཧོང་ཀོང་གི་ཀུ་ཤུ་གསར་ཤོག་ལས་ཁུངས་སྒོ་བརྒྱབ་ཏུ་བཅུག་པ། ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཕྱོགས་སྐྱོད་སོགས་ཡོད།། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་གཞོན་པ་བློ་བཟང་ཚེ་བརྟན་ལགས་ལ་འཛམ་གླིང་གང་སར་པེ་ཅིང་དགུན་ཁའི་ཨོ་རྩེད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པའི་ཐད་བགྲོ་གླེང་ཞུས་པ་དང་། ཚེ་རིང་དབང་མོ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་བྱས་པའི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་ལ་མཉམ་ཞུགས་བྱེད་མཁན་གཉིས་ལ་༢༠༢༡ ལོའི་བོད་ཀྱི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG