TV Schedule

ཀུན་གླེང་། ༢༠༢༢ ལོའི་ཟླ་༣ ཚེས་༢༥
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨུ་རུ་སུ་ལ་ཡ་ལན་སྤྲོད་ཆེད་ཡུ་རོབ་ཏུ་ནུབ་ཆིངས་སྒྲིག་འཛུགས་དང་ཡར་ཐོན་རྒྱལ་ཁབ་དག་གི་ཚོགས་འདུ་འཚོགས་པ། ཨུ་རུ་སུས་ཡུག་ཀེ་རན་དུ་དམག་འཁྲུག་ནག་ཉེས་བསགས་པ། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ། ཨ་རིའི་ཁྲིམས་དཔོན་ཆེན་མོའི་འོས་མི། གློ་ནད་ཊི་བི་རྩ་གཏོར་ལས་གཞི་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་ཚིགས། བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཐད་གཏོང་ལ་མི་མང་གི་བསམ་ཚུལ་སོགས་ཡོད། ཐེངས་འདིའི་བོད་ཀྱི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་དུ་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱས་པའི་ཨ་མཆོག་མཚན་ཉིད་དགོན་པའི་དབུ་མཛད་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། རྨ་ལྷོ་སོག་རྫོང་གཙང་དགོན་པའི་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་རྣམ་གཉིས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རུ་སོག་སྐུ་ཚབ་དོན་གཅོད་ཟུར་པ་ངག་དབང་རབ་རྒྱས་དང་དགའ་ལྡན་ཚོགས་ཆེན་དབུ་ཟུར་པ་དགེ་བཤེས་ནོར་བཟང་རྣམ་གཉིས་ལ་ཡུཀ་རེན་དང་བོད་པ་བཙན་བྱོལ་བའི་འབྲེལ་བ་དང་བོད་པ་ཚོས་ཡུཀ་རེན་མི་དམངས་ལ་གདུང་སེམས་མཉམ་སྐྱེད་བྱེད་བཞིན་པ་སོགས་ལ་བགྲོ་གླེང་ཞུས་ཡོད།