TV Schedule
ཀུན་གླེང་། ༢༠༢༣ ལོའི་ཟླ་༡༠ ཚེས་༢༥
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་སློབ་ཁག་ལ་མཇལ་ཁ། ཨི་སི་རལ་དང་ཧ་མ་སིའི་དམག་འཁྲུག་གི་གནས་སྟངས། ཨ་རིས་དམག་འཁྲུག་འདི་རྒྱ་བསྐྱེད་མི་ཡོང་བའི་འབད་བརྩོན། ཝང་དབྱིས་ཨ་རི་ལ་འཚམས་གཟིགས་གནང་རྒྱུ་ཡིན་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་བོ་ལགས་དང་ལྷན་ཉི་ཧོང་སྐད་དུ་དཔར་བསྐྲུན་བྱས་པའི་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་དང་། རྒྱ་ནག་གིས་བོད་དུ་མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭ་བཙུགས་ཡོད་པའི་སྐོར་གྱི་སྙན་ཐོ་གཉིས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་འཇབ་དམག་གློག་བརྙན་དེ་བཟོ་མཁན་བོད་ཀྱི་གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་བསོད་ནམས་ལགས་གདན་འདྲེན་ཞུས་ནས་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་ཚོར་བཙན་རྒོལ་རྒྱལ་སྐྱོབ་ལ་མཐུན་འགྱུར་གནང་བ་དང་བོད་པའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་གློག་བརྙན་དང་འགྲེམས་སྟོན་གྱི་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།