ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༡༩

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༩ ཚེས་༢༤

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གཞུང་གིས་འགོག་ཁབ་ཞལ་འདེབས་ཀྱི་ཁས་ལེན་གསར་པ་གནང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་སྟེང་ཏ་ལི་བྷན་གྱི་ཐད་གླེང་སློང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཕྲུ་གུ་ཁག་ཅིག་ལ་ཏོག་ནད་འགོས་པ། འཇར་མན་གྱི་གཟའ་ཉི་མའི་འོས་བསྡུ་ལ་དབྱེ་ཞིབ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་༢༠༢༡ ལོའི་རྒྱ་ནག་གི་བརྡ་འཕྲིན་སྙན་ཐོ་དང་། རྒྱ་ནག་གི་ཁ་པར་དང་འབྲེལ་བའི་སྙན་ཐོ། བོད་པའི་བུ་མོ་ཞིག་ལ་མཛེས་མའི་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་པ། ཡང་བསྐྱར་སྒྲོལ་མའི་བོད་སྐད་ཡིག་གླིང་སོགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་གྱིས་ཁེ་ན་ཌའི་འོས་འདེམས་རྟོག་ཞིབ་པ་ཉི་མ་རྡོ་རྗེ་དང་འདི་ག་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་ལ་ཁེ་ན་ཌའི་འོས་འདེམས་ཀྱི་གྲུབ་འབྲས་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོར་འཕོ་འགྱུར་ཐེབས་ཡོད་མེད། ཁེ་ན་ཌའི་བོད་པ་ཚོ་ཆབ་སྲིད་ལ་མཉམ་ཞུགས་བྱེད་ཕྱོགས་བཅས་ལ་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG