ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༠༥

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༦ ཚེས་༢༤

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཚོགས་པ་ལྔས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན། ཨ་རིའི་གྲོས་ཚོགས་སུ་བོད་རྒྱ་འབྲེལ་མོལ་གྱི་འགོག་རྐྱེན་སེལ་ཐབས་ཐད་ཀྱི་ཉན་ཞིབ་གནང་བ་སོགས་ཡོད། དེ་རིང་གི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་ཆབ་སྲིད་བཙོན་པ་དགེ་འདུན་རིན་ཆེན་ལགས་ངོ་སྤྲོད་བྱས་ཡོད། ཁོང་ནི་༡༩༤༧ ལོར་སྨར་ཁམས་སུ་སྐྱེས་ཤིང་། ༡༩༩༣་ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཡུལ་སྐོར་སྣེ་ཤན་པའི་ཕྱག་ལས་གནང་སྐབས་འཛིན་བཟུང་བྱས་པ་རེད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གྱི་གྲུབ་དོན་དང་ལག་ལེན་བསྟར་ཕྱོགས་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG