TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༢ ཚེས་༢༤
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་འཚམས་འདྲི་ཞུས་པ་དང་། འབྲེལ་མཐུད་པས་སྐུ་ཚབ་དོན་གཅོད་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་སྣེར་བཀའ་མོལ་གནང་བ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བ། རྒྱ་ནག་གི་ཅ་དངོས་བཀག་སྡོམ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རྩམ་ཁུག་དྲ་བ་དང་། དེ་རིང་གི་བོད། དང་བླངས་བོད་དོན་ཞུ་གཏུག་གི་ལས་འགུལ་སོགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ལ་ཁོང་གི་ཧི་མ་ལ་ཡའི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ་བའི་མཚམས་འདིར་དམིགས་བསལ་བཅར་འདྲི་ཞུས་ཡོད། དེ་བཞིན་ཚུལ་ཁྲིམས་རྒྱ་མཚོ་ལགས་ཆེད་དུ་རྒྱ་བལ་ནང་བསྐྱོད་དེ་བཟོ་སྒྲིག་བྱས་པའི་སྟོན་པའི་ཞབས་རྗེས་ཞེས་པའི་ལས་རིམ་གྱི་ལེ་ཚན་མཐའ་མ་སྟེ། སངས་རྒྱས་ཀྱིས་ཆོས་འཁོར་བར་མ་བསྐོར་ཡུལ་བྱ་རྒོད་ཕུང་པོའི་རི་དང་། ལོ་དྲུག་དཀའ་བ་སྤྱད་སའི་གནས་ཀྱི་ངོ་སྤྲོད། འཕགས་བོད་འབྲེལ་ལམ་ལོ་ཚིགས་མདོར་བསྡུས་བཅས་གོ་སྒྲིག་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།