TV Schedule
ཀུན་གླེང་། ༢༠༢༣ ལོའི་ཟླ་༡༡ ཚེས་༢༤
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨི་སི་རལ་དང་ཧ་མ་སི་ཡིས་མི་གཏའ་བརྗེ་རེས་ཀྱི་དམག་མཚམས་བཞག་པ་དང་། ཡུག་ཀེ་རན་ལ་རོགས་སྐྱོར་དང་རྒྱལ་ཁབ་དེ་ཡུ་རོབ་མནའ་འབྲེལ་ནང་ཞུགས་རྒྱུའི་གནད་དོན། བཀའ་ཟུར་བློ་བཟང་དར་རྒྱས་སྐུ་ཚེ་མ་ཟིན་པ། ཨ་རིས་རྒྱ་ནག་སོགས་དང་མཉམ་འབྲེལ་སྒོས་ཉལ་ཐ་སྔོན་འགོག ལའོ་སིའི་ནང་གི་ཆུ་མཛོད་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༡༩༨༧ ཟླ ༡༠ ཚེས་ ༦ ཉིན་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་༢༢ དེ་དག་བཙོན་གྲོལ་དགོས་པའི་ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་ངག་དབང་སྟོབས་ཆེན་ལགས་མུ་མཐུད་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་ཨ་རིའི་ནང་གི་དྲིན་གཟོའི་དུས་ཆེན་གྱི་བྱུང་རབས་དང་དུས་ཆེན་འདི་ཨ་རིའི་གཞུང་འབྲེལ་དང་སྲོལ་རྒྱུན་ཆེན་པོ་ཞིག་ཏུ་འགྱུར་སྟངས་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།