TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༧ ཚེས་༢༣
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་ནག་གི་འགོ་ཁྲིད་ཡང་བསྐྱར་བོད་དུ་སླེབས་པ་དང་། ངོ་བོ་འགྱུར་བའི་ཏོག་ནད་རྒྱ་ཆེར་འགོ་བཞིན་པ། རྒྱ་ནག་གིས་དྲ་ལམ་དུ་གཏོར་བརླག་གཏོང་བཞིན་པར་རྒྱལ་སྤྱིའི་སྟེང་སྐྱོན་བརྗོད། གཏོང་ལེན་ཚོགས་པས་རྒྱ་གར་གྱི་ཉམ་ཐག་ཡུལ་མིར་རོགས་སྐྱོར། ཨོ་ལིམ་པིག་རྩེད་འགྲན་འགོ་འཛུགས་བྱས་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་ནག་གཞུང་གིས་དྲ་སྐར་མང་པོ་གཞུང་གི་མགྲིན་ཚབ་པར་སྐོང་འགུག་བྱེད་བཞིན་པ་དང་། ཨོ་གླིང་དུ་ཏོག་ནད་དང་འབྲེལ་བའི་ཐ་སྙད་མང་པོ་གཞུང་འབྲེལ་ཐོག་བོད་བསྒྱུར་འགྲེམ་སྤེལ་བྱས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་བསྟན་འཛིན་བཟང་མོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཏོག་ནད་གནས་སྟངས་ཐད་བཅར་འདྲི་ཞུས་པ་དང་། ཚེ་རིང་དབང་མོ་ལགས་ཀྱིས་རྒྱ་ནག་གི་མི་རིགས་རིང་ལུགས་ཀྱི་གོ་དོན་དང་ཤུགས་རྐྱེན་ཐད་ཚེ་བརྟན་དབང་ཕྱུག་ལགས་དང་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།