ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༢༠

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༦ ཚེས་༢༣

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་ལྡི་ལི་རུ་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་བ་དང་། ཨི་རན་གྱི་སྲིད་འཛིན་གསར་པ་དང་ཨ་རིའི་གཞུང་གི་ལྟ་ཚུལ། ཧོང་ཀོང་གི་དམ་དྲག རྒྱལ་ཁབ་བཞི་བཅུ་ལྷག་གིས་རྒྱལ་ཚོགས་སུ་ཞིན་ཅང་གནད་དོན་ཐད་རྒྱ་ནག་ལ་སྐྱོན་བརྗོད་བྱས་པ་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མའི་དགེ་རྒན་ཨ་འབྲུག་དཀོན་མཆོག་ལགས་ལ་བོད་ནང་གི་བོད་ཡིག་དྲ་ཚིགས་ཁག་གི་གནས་སྟངས་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་བསོད་ནམས་གཡང་འཛོམས་ལགས་ཀྱིས་ཀུན་ཁྱབ་ཚིག་མཛོད་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇམ་དབྱངས་རྒྱལ་མཚན་ལགས་ལ་ཧི་མ་ལ་ཡའི་ནང་པའི་རིག་གཞུང་གི་ཀུན་ཁྱབ་ཚིག་མཛོད་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG