ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༧/༡༨

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༤ ཚེས་༢༣

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་གྱིས་འཛམ་གླིང་གནམ་གཤིས་ཚོགས་ཆེན་གོ་སྒྲིག་གནང་བ་དང་། ༧གོང་ས་མཆོག་དང་ནོ་བྷེལ་གཟེངས་རྟགས་བཞེས་མཁན་མང་པོས་འཛམ་གླིང་གོ་ལའི་ཉིན་མོར་འབོད་སྐུལ་གནང་བ། རྒྱ་གར་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་ནད་ཚབས་ཆེར་ཕྱིན་པ། ཤོ་ཝིན་གྱི་བཅད་ཁྲའི་ཐད་འཛམ་གླིང་ཡོངས་སུ་དོ་སྣང་བྱུང་བ་སོགས་ཀྱི་གསར་འགྱུར་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་སྐད་སྦྱོང་སའི་བཀོལ་ཆས་དང་བོད་རིག་པའི་དཔྱད་རྩོམ་དྲ་རྒྱ་ངོ་སྤྲོད་དང་། རྒྱ་ནག་གི་སྲིད་བློན་ཟུར་པ་ཝིན་ཅ་པོ་ཡི་ཨ་མ་རྗེས་དྲན་གྱི་རྩོམ་ཡིག་རྒྱ་ནག་ཏུ་བཀག་སྡོམ་བྱས་པའི་ཐད་དཔྱད་བརྗོད་གནང་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ལོ་རྒྱུས་ཉམས་ཞིབ་པ་ཕོགས་རུ་བ་ཕུན་ཚོགས་ལྷུན་གྲུབ་ལགས་སུ་ཆོལ་ཁ་ཞེས་པའི་མིང་ཚིག་གི་གོ་དོན་དང་འབྱུང་ཁུངས་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG