TV Schedule

ཀུན་གླེང་། ༢༠༢༢ ལོའི་ཟླ་༣ ཚེས་༢༣
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཡུག་ཀེ་རན་གྱི་གནས་སྟངས་ཐད་ཕྱི་འབྲེལ་གྱི་ནུས་པ་ཤུགས་ཆེན་ཡོང་ཐབས་དང་། རྒྱ་ནག་ལ་ཨུ་རུ་སུའི་དམག་འཁྲུག་ཐད་ཉེན་བརྡ་བཏང་བ། བོད་མི་མང་སྤྱི་འཐུས་ཀྱི་སྔོན་རྩིས་ཚོགས་འདུ། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་འོས་མི། རྒྱ་ནག་ཏུ་གནམ་གྲུ་ཞིག་བརྡབས་པའི་དོན་རྐྱེན་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ལ་ཨ་རིས་༢༠༡༨་ལོར་གཏན་འབེབས་བྱས་པའི་བོད་དུ་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་དེར་རྒྱ་ནག་གིས་འགོག་རྐྱེན་བཟོ་བཞིན་པའི་ཐད་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་སྙན་ཐོ་ཐེངས་བཞི་པ་བཏོན་ཡོད་པའི་ནང་དོན་དང་ཤུགས་རྐྱེན་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་སྲིད་འཛིན་ཇཱོ་ བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གཉིས་ཀྱིས་ཕྱི་ཚེས་༡༨་ཉིན་བརྙན་ལམ་དུ་ཆུ་ཚོད་གཉིས་མ་ཟིན་ཙམ་ལ་གྲོས་མོལ་གནང་བའི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།