TV Schedule

༢༠༢༢ ལོའི་ཟླ་༢ ཚེས་༢༣
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨུ་རུ་སུའི་དཔུང་འཛུལ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉེས་ཆད་གཅོད་འགོ་ཚུགས་པ་དང་། ཡུག་ཀེ་རན་གྱི་ས་མཚམས་གྲོང་སྡེའི་བདེ་འཇགས། ཨ་རིར་ཡོད་པའི་ཡུག་ཀེ་རན་ནས་ཡོང་མཁན། ཕ་སྐད་ཉིན་མོ་སྲུང་བརྩི། བོད་རིགས་དམག་དཔོན་ཞིག་ལ་རྒྱ་གར་གཞུང་གིས་ཆེ་བསྟོད། ཧོང་ཀོང་གི་ཏོག་ནད་གནས་སྟངས་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་རང་དབང་ཚོགས་པའི་ཞུ་གཏུག་པ་བསྟན་འཛིན་ཀུན་དགའ་ལགས་ལ་མཇུག་སྒྲིལ་མ་ཐག་པའི་པེ་ཅིང་དགུན་ཁའི་ཨོ་རྩེད་ཀྱིས་རྒྱ་ནག་ལ་ཕན་ཐོགས་བྱུང་ཡོད་མེད་ཐད་བགྲོ་གླེང་བྱས་ཡོད། དེ་བཞིན་དུ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་ལགས་ལ་བྱེས་ཀྱི་གདན་ས་དགའ་ལྡན་དགོན་པའི་ཤར་རྩེ་གྲྭ་ཚང་གི་བཀའ་འགྱུར་བླ་མ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་དགོངས་པ་རྫོགས་ནས་ཉིན་དགུའི་རིང་ཐུགས་དམ་ལ་བཞུགས་པ་དང་། ཐུགས་དམ་ལ་ཚན་རིག་གིས་བརྟག་དཔྱད་བྱེད་བཞིན་པའི་རྙེད་དོན་བཅས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།