TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༩ ཚེས་༢༢
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་དེ་རིང་དྲྭ་ལམ་དུ་ང་ཚོའི་བདེ་སྐྱིད་དང་འཕྲོད་བསྟེན། མ་འོངས་ཐད་བཀའ་སློབ་དང་། སྲིད་འཛིན་བྷ་ཌན་གྱིས་རྒྱལ་ཚོགས་སུ་གཏམ་བཤད། ཁེ་ན་ཌ་དང་ཨུ་རུ་སུའི་འོས་བསྡུ་དང་། འཇར་མན་གྱི་ཆབ་སྲིད་ཤུགས་རྐྱེན། བཞུགས་སྒར་དུ་ཏོག་ནད་ཀྱི་བརྟག་དཔྱད་ཤུགས་ཆེར་བཏང་བ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དང་ཉམས་ཞིབ་པ་དབང་ལྡན་སྐྱབས་ལགས་ལ་རྒྱ་ནག་གཞུང་གིས་རྫ་དབོན་པོ་དགོན་གྲོང་གཉིས་ཀྱི་སྐྱ་སེར་མི་མང་སྡེབ་འཛིན་དང་བོད་ཁམས་ཡོངས་སུ་རྒྱལ་ཞེན་སྐུལ་སློང་གི་སློབ་གསོ་སྤྲོད་བཞིན་པའི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་བསོད་ནམས་གཡང་འཛོམས་ལགས་ཀྱིས་རྒྱ་གར་གྱི་བཙན་བྱོལ་སྤྱི་ཚོགས་སུ་གཞིས་ཚུགས་པའི་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་རིག་གནས་མཐོ་སློབ་ཀྱི་འཕེལ་རིམ་སོགས་ལ་སློབ་སྤྱི་ཨེ་པ་བསོད་ནམས་རིན་ཆེན་ལགས་དང་མཐོ་སློབ་སྨན་རྩིས་ཁང་གི་སློབ་མ་ཀརྨ་དགེ་འདུན་ནམ་ཤཱཀྱ་ལགས་རྣམ་གཉིས་ལ་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།