ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༠༥

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༦ ཚེས་༢༢

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཨ་སམ་ཁུལ་གྱི་ཆར་ཞོད་ངལ་སེལ་རོགས་སྐྱོར་གནང་བ་དང་། རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁ། བོད་མི་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ། ཡུག་ཀེ་རན་གྱི་དམག་འཁྲུག ཨ་རིའི་གྲོས་ཚོགས་ལ་དཔུང་འཛུལ་དང་འབྲེལ་བའི་ཉན་ཞིབ། ཡོ་གའི་དུས་ཆེན་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྣམ་རྒྱལ་ཤཱསྟྲི་ལགས་ཀྱིས་ཉི་ཧོང་སྐུ་ཚབ་དོན་གཅོད་ཚེ་དབང་རྒྱལ་པོ་ཨརྱ་ལགས་དང་། ཨིན་ལན་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས། བྷར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་བཅས་ལ་སྐུ་ཚབ་དོན་གཅོད་ཚོའི་ལས་འགན་འགྱུར་བ་དང་གདོང་ལེན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG