TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༢ ཚེས་༢༢
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་འཇོག་དང་། བཀའ་སྤྱི་གཉིས་ཀྱིས་དགའ་བསུ་ཞུས་པ། ༧གོང་ས་མཆོག་གིས་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་འགོ་ཁྲིད་ལ་མཇལ་ཁ་གནང་བ། སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་ནང་གི་ཏོག་ནད་གནས་སྟངས་ཐད་གཏམ་བཤད་གནང་བ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་འཇོག་བྱས་པའི་དོན་སྙིང་དང་། ལྕམ་ཨུ་ཛི་ར་ཡི་ལོ་རྒྱུས་ངོ་སྤྲོད་བྱས་ཡོད། དེ་བཞིན་དུ་ཚེ་རིང་དབང་མོ་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཨ་རིར་ཆེད་ཕེབས་གནང་བ་དང་བསྟུན་ཉེ་ཆར་འཚོགས་པའི་བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།