TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༠ ཚེས་༢༢
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་དུ་བོད་ཀྱི་ཁོར་ཡུག་ལ་དོ་སྣང་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་བ་དང་། ཨ་རིའི་ལག་རྩེད་སྤོ་ལོའམ་སླེ་གྲུག་རྩེད་མཁན་གྲགས་ཅན་ཞིག་གིས་བོད་དོན་ལ་རྒྱབ་སྐྱོར། ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཕྱོགས་སྐྱོད་དང་རྒྱལ་ཁབ་ཀྱི་མཚན་མཐོང་། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་ཚོད་ལྟ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་དྲྭ་རྒྱའི་སྟེང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་བོད་ཡིག་ནང་བཀོད་ཡོད་པ་དང་། རྒྱ་ནག་གཞུང་ལ་ཟུར་ཟའི་གཞས་ཤིག་དར་ཁྱབ་ཕྱིན་པ། བོད་ཡིག་ཡིག་སྒྱུར་གྱི་མཉེན་ཆས་གསར་པ་ཞིག་ངོ་སྤྲོད་བྱས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་བསྟན་འཛིན་བཟང་མོས་སྐབས་བཅུ་བདུན་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་ཚོགས་གཙོ་གཞོན་པ་སྒྲོལ་མ་ཚེ་རིང་རྣམ་གཉིས་ལ་འདས་པའི་དཀའ་རྙོག་ཁག་ལས་གྲོལ་ཐབས་དང་མ་འོངས་པར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྒྲུབ་ཕྱོགས་ཐད་དམིགས་བསལ་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།