ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༦/༡༩

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༣ ལོའི་ཟླ་༧ ཚེས་༢༡

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལ་དྭགས་སུ་ཆོས་ལུགས་འདྲ་མིན་དབར་བགྲོ་གླེང་གོ་བསྡུར་བྱས་ནས་ལེགས་བཤད་བླང་རེས་བྱ་གལ་ཡིན་པའི་བཀའ་སློབ་བསྩལ་བ་དང་། བོད་མདོ་སྨད་མང་ར་རྒྱ་ནག་གིས་དུས་འཁོར་དབང་ཆེན་བཀག་སྡོམ། རྒྱལ་སྤྱིའི་བོད་ཀྱི་གཞོན་ནུའི་ཚོགས་ཆེན་མཇུག་སྒྲིལ། ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་སྟངས་དང་། འཁྲུངས་སྐར་དང་འབྲེལ་བའི་བརྙན་གསུམ་བཅས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་མི་ལོ་༢༤ ལྷག་རྒྱ་གཞུང་གི་བཙོན་འོག་དུ་བཀའ་སྡུག་མྱོང་དགོས་བྱུང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བློ་བཟང་ནོར་བུ་ལགས་མུ་མཐུད་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། རྒྱལ་སྤྱིའི་བོད་ཀྱི་གཞོན་ནུའི་ཚོགས་ཆེན་ལ་མཉམ་ཞུགས་བྱེད་མཁན་འགའ་གདན་འདྲེན་ཞུས་ནས་མཇུག་སྒྲིལ་མ་ཐག་པའི་ཚོགས་ཆེན་དེའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG