TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༧ ཚེས་༢༡
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྤེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཏོག་ནད་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པ་དང་། རྒྱ་གར་དུ་ཏོག་ནད་ཁྲོད་ཁབ་གཙགས་རི་མོ་དར་བཞིན་པ། ཨ་རིའི་ནང་དུའང་ཏོག་ནད་ཕོག་མཁན་འཕར་བཞིན་པ། ཨབ་གྷ་སི་ཊན་ནང་དུ་གསར་འགོད་རང་དབང་ཉམས་བཞིན་པ་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ལ་རྒྱལ་སྤྱིའི་ཆོས་ལུགས་དད་མོས་རང་དབང་གི་ཚོགས་འདུའི་ཐད་བཅར་འདྲི་ཞུས་པ་དང་། རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གསར་དུ་འགྲེམ་སྤེལ་བྱས་པའི་ཨ་རི་བ་བླ་མ་དཀར་པོ་ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཨ་ལགས་རྗེ་སྤྲུལ་ཚང་ལ་ཨ་རི་བ་བླ་མ་དཀར་པོའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།