ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༡༩

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༥ ཚེས་༢༡

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་སོགས་སུ་ནད་པ་ཇེ་མང་དུ་འགྲོ་བཞིན་པ་དང་། པེ་ཅིང་ཨོ་ལིམ་པིག་ལ་ཕྱི་འབྲེལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ། ཨེ་ཛི་རལ་དང་པ་ལི་སི་ཐན་གྱི་དམག་མཚམས་འཇོག་པ། ཨ་རིས་འཛམ་གླིང་ཧྲིལ་བོའི་ཏོག་ནད་དཀའ་ངལ་སེལ་ཐབས་སུ་འགོ་འཁྲིད་རྒྱུ། ཨ་རི་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཉིས་ཐེངས་དང་པོར་མཇལ་འཕྲད་གནང་བ་སོགས་ཀྱི་གསར་འགྱུར་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བྱིས་པའི་སྒྲུང་མཉན་སའི་ནོར་ནོར་སྟེགས་བུ་དང་། རྒྱ་བལ་གཉིས་སུ་ནད་པ་དང་སྨན་པའི་བར་འབྲེལ་མཐུད་བྱེད་ས་ངོ་སྤྲོད་བྱས་ཡོད། དེ་བཞིན་དུ་སྲིད་འཛིན་ཟུར་པ་ཊམ་གྱི་ཊོས་ཊར་སྒོ་བརྒྱབ་པའི་གནད་དོན་ཐད་དབྱེ་ཞིབ་བྱས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་ཨ་རིའི་གཞུང་གི་བོད་རྒྱ་འབྲེལ་མོལ་སྙན་ཐོའི་ཐད་བཅར་འདྲི་ཞུས་པ་དང་། རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་རྒྱ་ནག་གི་མི་འབོར་གྲངས་བཤེར་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG