ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༧/༡༨

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༤ ཚེས་༢༡

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ཉེན་རྟོག་མི་སྣ་ཟུར་པ་ཞིག་ལ་མི་གསོད་ལག་དམར་གྱི་ཁྲིམས་ཐག་བཅད་པ་དང་། རྒྱ་གར་དུ་ཏོག་ནད་ཁྱབ་གདལ་འགྲོ་བཞིན་པ། འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན། ཉི་ཧོང་གི་སྲིད་བློན་གྱིས་ཨ་རིར་འཚམས་གཟིགས་གནང་བ་སོགས་ཀྱི་གསར་འགྱུར་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་གདན་འདྲེན་ཞུས་ནས་བོད་ནང་གི་ཆབ་སྲིད་དམ་དྲག་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་བསོད་ནམས་གཡང་འཛོམས་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་པདྨ་བདེ་ཆེན་ལགས་ལ་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གྲོས་ཆོད་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེར་འགྲོ་བཞིན་པའི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG