ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༦/༢༧

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡༢ ཚེས་༢༡

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལྡི་ལིར་གསུང་བཤད་གནང་བ་དང་། རྡོ་རྗེ་གདན་དུ་གསུང་ཆོས་སྟ་གོན་དང་ཇོ་ནང་སྨོན་ལམ་འཚོགས་པ། སྲིད་འཛིན་ཟུར་པ་ཊམ་ལ་ཉེས་འཛུགས་ཀྱི་གྲོས་གཞི་བཏོན་པ། ཡུག་ཀེ་རན་གྱི་སྲིད་འཛིན་ཨ་རིར་ཕེབས་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིས་བོད་དོན་ཞུ་སྐུལ་གནང་བ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཇོན་ཧོབ་ཀིན་སློབ་ཆེན་གྱི་སྨན་པ་དང་ནད་རིགས་ཞིབ་འཇུག་པ། འབུམ་རམས་པ་དཀོན་མཆོག་རྡོ་རྗེ་ལགས་དང་ལྷན་ད་ལྟའི་རྒྱ་ནག་དང་བོད་ནང་གི་ནད་ཡམས་དཀའ་ངལ་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན། དེ་བཞིན་དུ་ཐེངས་འདིའི་དངོས་བྱུང་གློག་གརྙན་ནང་བོད་ནས་བཙན་བྱོལ་དུ་སླེབས་པའི་འཆི་མེད་ལྷ་མོ་ལགས་ཀྱིས་ཤོག་གྲངས་བརྒྱ་ཕྲག་ཡོད་པའི་རྒྱུད་གསུམ་བློ་རྒྱུགས་ཇི་ལྟར་ཕུལ་པ་དེ་བརྒྱུད་། སྨན་སློབ་ཅིག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་སྨན་པའི་སློབ་གཉེར་བྱེད་ཚུལ་ཟུར་ཙམ་ཞིག་འབུར་ཐོན་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG