TV Schedule

ཀུན་གླེང་། ༢༠༢༢ ལོའི་ཟླ་༡ ཚེས་༢༡
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་གྱིས་འོས་འགན་བཞེས་ནས་ལོ་གཅིག་འཁོར་བ། ཨ་རིའི་འོས་བསྡུ་བའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་གཞི། ཕྱི་སྲིད་དྲུང་ཆེས་ཡུག་ཀེ་རན་ལ་འཚམས་གཟིགས། བོད་མིའི་སྒྲིག་འཛུགས་ཀྱི་དོན་གཅོད་ཚོགས་འདུ། ཏུར་ཀི་དང་ཨར་མེ་ནི་ཡའི་གྲོས་མོལ། གསར་འགྱུར་མདོར་བསྡུས་སོགས་ཡོད། དྲ་སྣང་གི་བོད་དུ་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་ཀྱི་དེབ་བརྡ་དང་འབར་བཞིན་པའི་བོད་ཞེས་པའི་འཕྲུལ་དེབ། བོད་ཀྱི་ཟ་མ་བཟོ་སྟངས་ཀྱི་དེབ་ཅིག བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་གློད་གྲོལ་སྐབས་ཀྱི་ཕེབས་བསུའི་བརྙན་པར། འབུམ་རམས་པའི་སློབ་མ་ཚོའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སོགས་ངོ་སྤྲོད་བྱེད་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་ཀི་ལོམ་བྷོ་ཡ་གཙུག་ལག་མཐོ་སློབ་ཀྱི་འབུམ་རམས་སློབ་གཉེར་བ་ཚེ་དབང་རིག་འཛིན་ལགས་ལ་སྲིད་འཛིན་བྷ་ཌན་གྱིས་སྲིད་བསྐྱངས་ནས་ལོ་གཅིག་འཁོར་བའི་རིང་གི་གྲུབ་འབྲས་དང་དཀའ་ངལ་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་བསྟན་འཛིན་ནོར་བཟང་ལགས་ཀྱིས་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་ལྷན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་སྦག་སྦག་སྐོར་སྐྱོད་ཐད་བགྲོ་གླེང་ཞུས་ཡོད།།