TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༨ ཚེས་༢༠
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨབ་གྷ་སི་ཐན་ནང་གི་ཨ་རི་བ་དང་ཡུ་རོབ་མི་སྣ་རྣམས་ཕྱིར་འཐེན་བྱེད་བཞིན་པ་དང་། ཨ་རིའི་ནང་ཏོག་ནད་ཀྱི་འགོག་ཁབ་ཐུན་གསུམ་པ་རྒྱག་འཆར་ཡོད་པ། རྒྱ་ནག་གིས་བོད་ཞི་བའི་བཅིངས་འགྲོལ་ཟེར་བའི་དུས་སྟོན་ལ་རྟེན་འབྲེལ་ཞུས་པ། བོད་མིའི་རང་བདེན་ཚོགས་ཆུང་གི་འོས་བསྡུ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་མ་ཧཱ་ཤྲཱི་བཀའ་རྒྱུད་ཀྱི་གསུང་འབུམ་དང་། ༧གོང་ས་མཆོག་གི་ལེགས་བཤད་༡༡༣ ཅན་གྱི་འཕྲུལ་དེབ། བོད་མི་བརྙན་པར་ཟིན་ཐོ་བ་འཛོམས་ས་སོགས་ངོ་སྤྲོད་ཞུས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་ལྷན་རྒྱལ་ཚོགས་ཀྱིས་བཏོན་པའི་གོ་ལའི་ཁྱོན་ཡོངས་ཀྱི་དྲོད་ཚད་ཤུགས་ཆེ་འཕར་བཞིན་པའི་ཛ་དྲག་གི་སྙན་ཐོ་ཞིག་བཏོན་གནང་ཡོད་པའི་ཐད་བགྲོ་གླེང་ཞུས་པ་དང་། སྐལ་བཟང་འཇིགས་མེད་ལགས་ཀྱིས་བོད་ཀྱི་འགྲེམ་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་དང་ལྷན་དུ་རྒྱལ་སྤྱིའི་རྣམ་དཔྱོད་ལྟེ་གནས་ཁང་གིས་ཐུན་མོང་གི་འགྲུལ་བཞུད་ཅེས་པའི་དྲྭ་ཐོག་འགྲེམ་སྟོན་ནང་མཉམ་ཞུགས་བྱས་པའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།