ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༧/༠༤

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༧ ཚེས་༢༠

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨུ་རུ་སུའི་སྲིད་འཛིན་ཨི་རན་དུ་ཕྱིན་ནས་ཏུར་ཀིའི་སྲིད་འཛིན་ལ་མཇལ་འཕྲད་དང་། ཡུག་ཀེ་རན་གྱི་དམག་འཁྲུག་གི་གནས་སྟངས། ཨ་རིའི་གྲོས་ཚོགས་གཙོ་ཐེ་ཝན་དུ་ཕེབས་འཆར། རྒྱ་གར་དམག་མིས་བོད་ཡིག་སྦྱོང་བ། སིངྒ་ལའི་ཆབ་སྲིད་དང་ཨ་རིའི་ནང་གི་ནད་ཡམས་ཁྱབ་ཚུལ་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྣམ་རྒྱལ་ཤསྟྲཱི་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་ལྷན་ཉེ་དུས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ཀྱི་ལོ་རྒྱུས་གནས་བབ་གསལ་པོ་བཟོ་རྒྱུ་དང་བོད་རྒྱ་གཉིས་གྲོས་མོལ་ལ་མདུན་བསྐྱོད་བྱས་ཏེ། བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་ཁྲིམས་འཆར་གཅིག་ངོ་སྤྲོད་གནང་ཡོད་པ་དེའི་བརྒྱུད་རིམ་དང་ནང་དོན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷ་སྒྲོལ་ལགས་དང་ལྷན་ནུབ་ཕྱོགས་དང་རྒྱ་མིའི་ལོ་རྒྱུས་སྨྲ་བ་ཚོས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་ངོས་འཛིན་གནང་སྟངས་སྐོར་ལ་གླེང་མོལ་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG