TV Schedule
ཀུན་གླེང་། ༢༠༢༣ ལོའི་ཟླ་༡༠ ཚེས་༢༠
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་གྱིས་ཧ་མ་སི་དང་པུ་ཊིན་མཚུངས་བསྡུར་བྱས་ནས་ཨི་སི་རལ་དང་ཡུག་ཀེ་རན་ལ་རྒྱབ་སྐྱོར་གྱི་འབོད་སྐུལ་ཞུས་པ་དང་། ཨི་སི་རལ་ལ་འཚམས་གཟིགས། སྲིད་སྐྱོང་གི་ཨ་རིའི་རྒྱལ་སའི་བོད་དོན་ཞུ་སྐུལ། ཨ་རིས་དཀྱིལ་ཤར་ཁུལ་དུ་དཔུང་ཤུགས་འཕར་སྣོན། ཨི་རན་གྱི་མ་དངུལ་བཀག་སྡོམ་བྱེད་སྲིད་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་དོད་Tibet ཡི་ཚབ་ཏུ་Xizang ཞེས་པ་བཀོལ་སྤྱོད་གཏོང་དགོས་པའི་ལས་འགུལ་སྤེལ་བཞིན་པའི་ཐད་དཔྱད་བརྗོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་གདན་འདྲེན་ཞུས་ནས་ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་མུ་མཐུད་དུ་ཐོབ་ཐབས་དང་། བཀའ་ཤག་སྐབས་༡༦་པའི་འཛིན་སྐྱོང་གི་གྲུབ་འབྲས་དང་གདོང་ལེན་བྱེད་དགོས་པའི་དཀའ་ངལ། བོད་པ་མི་རབས་གསར་པ་ཚོས་འགན་འཁྲི་ལེན་སྟངས་བཅས་ལ་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།