TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༠ ཚེས་༢༠
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ཀྱི་ཚོགས་ཆེན་ལ་བཀའ་སློབ་བསྩལ་བ་དང་། གྷི་རིག་དང་བཞུགས་སྒར་དྷ་རམ་ས་ལར་པེ་ཅིང་ཨོ་ལིམ་པིག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ། རྒྱ་གར་གྱི་ཆུ་ལོག་གནོད་འཚེ། ཨ་རིའི་མི་རིགས་ནག་པོ་ཡིན་པའི་ཕྱི་སྲིད་དྲུང་ཆེ་ཐོག་མ་ཚེ་ལས་འདས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ཀྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་པདྨ་སྒྲོལ་མར་གྷི་རིག་ཏུ་པེ་ཅིང་ཨོ་ལིམ་པིག་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་ཐད་བཅར་འདྲི་ཞུས་པ་དང་། སྐལ་བཟང་འཇིགས་མེད་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉི་མ་འོད་ཟེར་ལ་གསར་དུ་སྤེལ་བའི་རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་བྱུས་ལ་དཔྱད་བརྗོད་སྙན་ཐོའི་ནང་དོན་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།