ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༧/༢༡

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༧ ཚེས་༢

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་གི་གསར་འགོད་གསལ་བསྒྲགས་དང་། བཞུགས་སྒར་དང་རྒྱ་གར་གྱི་རྒྱལ་སར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་བརྒྱའི་དུས་སྟོན་ཉིན་ངོ་རྒོལ་བྱས་པ། ཨ་རིའི་གྲོས་ཚོགས་ཀྱི་དམིགས་བསལ་ཞིབ་འཇུག་ཚོགས་པ། ངོ་བོ་ཉིས་འགྱུར་གྱི་ཏོག་ནད་ཀྱིས་འགྲུལ་བཞུད་ལ་དམ་དྲག་ཡོང་བཞིན་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་ནང་གི་བརྡ་འཕྲིན་ལྟེ་གནས་དྲ་ཚིགས་ངོ་སྤྲོད་དང་། རྒྱ་ནག་གིས་དྲ་ལམ་འཇབ་རྒོལ་བྱེད་བཞིན་པའི་ཐད་ཀྱི་སྙན་ཐོ། རོལ་དབྱངས་ཀྱི་མཆོད་པ་འབུལ་སའི་དྲ་གནས་ངོ་སྤྲོད་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་དང་། འདི་ག་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་རྣམ་གཉིས་ལ་འདས་པའི་ལོ་བརྒྱའི་རིང་དམར་ཤོག་ཚོགས་པས་རྒྱ་ནག་ལ་ཅི་ཞིག་བསྒྲུབས་པའི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་མི་འགའ་ཤས་ལ་བཅར་འདྲི་ཞུས་ཏེ་རྒྱ་ནག་དམར་ཤོག་ལ་འཛིན་པའི་བསམ་བློའི་ལྟ་བར་འགྱུར་ལྡོག་བྱུང་སྟངས་སོགས་གླེང་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་ཡོད།

XS
SM
MD
LG