ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༡༩

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༦ ཚེས་༢

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་གཞོན་སྐྱེས་རྣམས་ལ་གསུང་ཆོས་དང་དྲིས་ལན་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཏོག་ནད་ལས་དོན་བསྐྱར་སྒྲིག ཨ་རིས་རྒྱལ་སྤྱིའི་སྟེང་ཏོག་ནད་འགོག་བཅོས་ཐད་སྔར་ལྷག་ནུས་པ་འདོན་འཆར། ཧོང་ཀོང་དུ་དྲག་གནོན། དེ་བཞིན་རྒྱ་གར་གྱི་ཡིག་རྒྱུགས་ཕྱིར་འཐེན་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བྱང་ཨ་རིའི་ནང་བོད་རང་བཙན་གྱི་གོམ་བགྲོད་བྱེད་མཁན་གསུམ་སྟེ་དོན་གྲུབ་ལྷ་དར་ལགས་དང་། ཐུབ་བསྟན་ཆོས་ཉིད་ལགས། སཱན་ནི་བསོད་ནམས་ལགས་བཅས་ལ་བཅར་འདྲི་ཞུས་ཡོད། དེ་བཞིན་དུ་བསོད་ནམས་གཡང་འཛོམས་ལགས་ཀྱིས་རྩིབས་རི་ལོ་པཎ་སྤྲུལ་སྐུ་ལ་བལ་ཡུལ་བོད་མིའི་སྤྱི་ཚོགས་ནང་གི་ཏོག་ནད་ཀྱི་གནས་སྟངས་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG