TV Schedule

ཀུན་གླེང་ཐད་གཏོང་། ༢༠༢༢ཟླ་ ༣ ཚེས་༢
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཉི་ཤུ་དགུའི་གཏོར་རྒྱག་ཆེན་མོ། ཨ་རིའི་སྲིད་འཛིན་གྱི་རྒྱལ་ཡོངས་གཏམ་བཤད། ཡུཀ་རེན་དང་ཨུ་རུ་སུའི་དམག་འཁྲུག ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཚུགས་ནས་ལོ་༥༠་འཁོར་བ། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༤༩པའི་སྐབས་ངོ་རྒོལ། ཀུན་གླེང་ལས་རིམ་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ལོའི་གནམ་ལོ་གསར་བཞད་ལ་གཞིས་བྱེས་བོད་མི་ཡོངས་ལ་གསུང་འཕྲིན་དང་བོད་ཆོལ་ཁ་གསུམ་གྱི་ཐུན་མོང་མ་ཡིན་པའི་ལོ་གསར་གཏོང་སྟངས། རྒྱ་གར་གྱི་དགོང་མོའི་ཆུ་ཚོད་བདུན་པ་ནས་བརྒྱད་པའི་བར་དང་། བོད་ནང་གི་དགོང་མོའི་ཆུ་ཚོད་༩ དང་ཕྱེད་ཀ་ནས་༡༠་དང་ཕྱེད་ཀའི་བར། དེ་བཞིན་ཨ་རིའི་ཤར་ཕྱོགས་ཀྱི་ཞོགས་པའི་ཆུ་ཚོད་༨ དང་ཕྱེད་ཀ་ནས་༩ དང་ཕྱེད་ཀའི་བར་བརྙན་འཕྲིན་དང་། ངོ་དེབ། ཡུག་ཊུབ། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་དྲ་ཚིགས་བཅས་སུ་ཐད་གཏོང་བྱེད་པ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།། ༧གོང་ས་མཆོག་གིས་ཆུ་སྟག་གནམ་ལོ་གསར་ཚེས་ལ་སྩལ་བའི་གསུང་འཕྲིན།