TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༢ ཚེས་༢
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཨ་རིའི་རླུང་འཕྲིན་ཁང་ཚུགས་ནས་ལོ་༨༠ འཁོར་བར་ཕྱག་འཕྲིན་སྩལ་བ་དང་། ཡུག་ཀེ་རན་གྱི་གནས་སྟངས། འབར་མའི་སྲིད་འགྱུར་བྱུང་ནས་ལོ་གཅིག་འཁོར་པ། བོད་མི་མང་སྤྱི་འཐུས་གསར་པ་ཞིག་གི་དམ་འབུལ། ཧོང་ཀོང་དུ་གསར་འགྱུར་རང་དབང་ལ་དམ་དྲག་བྱེད་བཞིན་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་ཨ་རིའི་རླུང་འཕྲིན་ཁང་ཚུགས་ནས་ལོ་༨༠ འཁོར་བའི་ཐད་བགྲོ་གླེང་བྱས་ཡོད། དེ་བཞིན་དུ་ཨུ་རྒྱན་བསྟན་འཛིན་ལགས་ཀྱིས་མོན་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུར་རྒྱ་གར་གཞུང་གིས་པདྨ་ཤྲི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པའི་ཐད་གུ་རུ་སྤྲུལ་སྐུ་རིན་པོ་ཆེར་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།