TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༥ ཚེས་༡༩
ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རེ་བ་བསྐྲུན་པ་ཞེས་པའི་ལས་རིམ་ནང་རྩོམ་པ་པོ་དང་བཀའ་མོལ་གནང་བ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་དུས་དྲན། འཛམ་གླིང་དཀྱིལ་ཤར་ས་ཁུལ་གྱི་དྲག་ཟིང་། ཁ་ཆེའི་སྨྱུང་གྲོལ་དུས་ཆེན། རྒྱ་གར་དུ་ཏོག་ནད་ཀྱི་གནས་སྟངས་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་དང་། དབུས་བོད་མིའི་སྣེ་ལེན་ཁང་གི་འགན་འཛིན་གྱང་གསར་ཚེ་རིང་དོན་གྲུབ་ལགས་རྣམ་གཉིས་ལ་བཞུགས་སྒར་དྷ་རམ་ས་ལ་ཁུལ་གྱི་ཏོག་ནད་ཅན་ལ་ལྟ་སྐྱོང་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་བསོད་ནམས་གཡང་འཛོམས་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་ལ་ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་དད་མོས་སྙན་ཐོ་རུ་བོད་ནང་གི་ཆོས་དད་རང་དབང་ཐད་ཇི་ལྟར་འགྲེལ་བརྗོད་བྱས་ཡོད་པའི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།