TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡ ཚེས་༡༩
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཇཱོ་ བྷ་ཌན་གྱིས་ཨ་རིའི་སྲིད་འཛིན་གྱི་འགན་འཁུར་ནས་ལོ་གཅིག་འཁོར་བ་དང་། ཡུག་ཀེ་རན་ལ་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་ཟློག་ཐབས། རྒྱ་ནག་གིས་ཨུ་རུ་སུའི་སོལ་རླངས་ཉོས་ཏེ་ཡུ་རོབ་ལ་དཀའ་ངལ། མར་ཊིན་ ལུ་ཐུར་ ཀིང་གི་ཉིན་མོ་སྲུང་བརྩི། བཞུགས་སྒར་དུ་མཁའ་ལམ་འགྲུལ་འཁོར་སྒོ་འབྱེད་བྱས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཀརྨ་བསྟན་འཛིན་ལགས་ལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལོ་འཁོར་སྙན་ཐོའི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཚེ་རིང་དབང་མོ་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་ལ་རྒྱ་ནག་གི་ཏོག་ནད་འགོག་བཅོས་སྲིད་ཇུས་རྒྱུན་སྐྱོང་བྱེད་ཐུབ་མིན་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།