ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༧/༢༡

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༨ ཚེས་༡༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་བྱམས་སྙིང་རྗེའི་ཐད་བཀའ་སློབ་སྩལ་བ་དང་། ཨ་རི་ནི་ཨབ་གྷ་སི་ཐན་གྱི་དམག་འཁྲུག་ནང་ཞུགས་རྒྱུ་མིན་པ། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་རྒྱལ་སྟོན་ལ་འཚམས་འདྲི་དང་། ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་གསར་འཛུགས་གནང་བ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཨབ་གྷ་སི་ཐན་གྱི་ཆབ་སྲིད་གནས་སྟངས་དང་རྒྱུ་རྐྱེན་ཐད། ཨ་རིའི་རླུང་འཕྲིན་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། ཨ་རིའི་རླུང་འཕྲིན་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས། ཀོ་ལིམ་པི་ཡཱ་སློབ་ཆེན་གྱི་འབུམ་རམས་པའི་སློབ་མ་ཚེ་དབང་རིག་འཛིན་ལགས་བཅས་གདན་འདྲེན་སྒོས་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG