TV Schedule
༢༢:༠༠ - ༢༢:༣༠
ཀུན་གླེང་། ༢༠༢༤ ལོའི་ཟླ་༧ ཚེས་༡༨
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་ནག་དམར་ཤོག་གི་ཚང་འཛོམས་གྲོས་ཚོགས་ཀྱི་སྐོར་དང་། སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཆེན་ཐོག་སྲིད་འཛིན་གཞོན་པའི་འོས་མིས་གཏམ་བཤད་གནང་བ། རྭ་རྒྱ་སློབ་གྲྭ་སྒོ་བརྒྱབ་ཏུ་བཅུག་པར་གདུང་སེམས་མཉམ་བསྐྱེད། རྒྱ་མིའི་ཚོང་པ་ཀོ་ཝེན་ཀའེ་ཉེས་ཅན་ཡིན་པ་ཐག་བཅད་པ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད། ཐེངས་འདིའི་བུད་མེད་ལེ་ཚན་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༢༣ ལོའི་ལས་བྱེད་སྡེ་ཚན་ཁོངས་ནས་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་བཞེས་མཁན་སྲི་ཞུ་བ་བསྟན་འཛིན་ཆོས་དབྱིངས་ལགས་དང་ལྷན་དུ་ཁོ་མོའི་ཕྱག་ལས་དང་འབྲེལ་བའི་ཐད་ལ་བསྟན་འཛིན་འོད་ལྡན་ལགས་ཀྱིས་བགྲོ་གླེང་ཞུ་རྒྱུ་ཡིན།།