ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༢༠

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༦ ཚེས་༡༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་དང་། དགོན་སྡེ་རྣམས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་ཏོག་ནད་འགོག་ཁབ་རྒྱག་པའི་མཐུན་རྐྱེན་སྦྱོར་བཞིན་པ། ཨ་རི་དང་ཨུ་རུ་སུའི་འགོ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད། ཧོང་ཀོང་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་འགན་འཛིན་རྣམས་འཛིན་བཟུང་བྱས་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་ཀྱི་གློག་བརྙན་ལ་ལྟ་ས་དང་། ༢༠༢༢་ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ལ་ངོ་རྒོལ་གྱི་དྲ་ཚིགས། གསར་འགོད་པ་ཞིག་ལྷ་སར་བསྐྱོད་པའི་ཟིན་ཐོ། ཁ་བའི་གཅེས་ནོར་ཞེས་པའི་དྲ་ཐོག་ལས་གཞི་ངོ་སྤྲོད་བྱས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཀོ་ལིམ་བྷི་ཡ་སློབ་ཆེན་གྱི་ཉམས་ཞིབ་པ་ཚེ་དབང་རིག་འཛིན་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་བཅས་ལ་སྲིད་འཛིན་བྷ་ཌན་གྱིས་ཕྱི་རྒྱལ་ལ་འཚམས་གཟིགས་ཐེངས་དང་པོ་གནང་བའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG