TV Schedule
ཀུན་གླེང་། ༢༠༢༢ ལོའི་ཟླ་༡༡ ཚེས་༡༨
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་གོ་ལའི་བདེ་སྐྱིད་ཚོགས་ཆེན་ཐོག་བཀའ་སློབ་སྩལ་བ་དང་། བོད་ནས་ཕེབས་པའི་འབུམ་རམས་པ་རྒྱལ་ལོ་ལགས་ལ་མཇལ་ཁ། ཨ་རིའི་བར་མའི་འོས་བསྡུའི་གྲུབ་འབྲས། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་ཚོགས་ཆེན། ཡུག་ཀེ་རན་གྱི་དམག་འཁྲུག འཛམ་གླིང་རྐང་སྤོལ་རྩེད་འགྲན་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་དགེ་ལུགས་བླ་མ་ཟེར་བའི་རྒྱའི་མགྲིན་ཚབ་པ་ཐེར་འདོན་དང་། རྒྱ་ནག་གིས་བོད་དང་ཡུ་གུར་བའི་བུ་མོ་ཚོ་ཕྱི་བསྒྲགས་སྲིད་ཇུས་ལ་བེད་སྤྱོད་གཏོང་གི་ཡོད་པའི་སྙན་ཐོ་ཐོན་པ་བཅས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་བོད་མདོ་སྨད་རེབ་གོང་མདོ་བ་འབྲོག་ཕྱོགས་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དང། རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་དཔྱ་ཁྲལ་ཚན་པའི་བཟོད་པ་རྒྱ་མཚོ་ལགས་རྣམ་གཉིས་དང་ལྷན་རྒྱལ་དོན་མ་དངུལ་དྲྭ་ལམ་ནས་བསྡུ་འབུལ་བྱེད་སྟངས་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།