ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༦/༡༢

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༣ ལོའི་ཟླ་༡༠ ཚེས་༡༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་གྱིས་ཨི་སི་རལ་ལ་འཚམས་གཟིགས་གནང་བཞིན་པ་དང་། ཨ་རིའི་གྲོས་ཚོགས་ཚོགས་ཁང་དུ་གསེར་གྱི་རྟགས་མའི་གཟེངས་རྟགས་ཕུལ་ནས་ལོ་༡༦ འཁོར་བའི་དུས་དྲན་སྲུང་བརྩི་བྱས་པ། སྲིད་སྐྱོང་གིས་ཨ་རིའི་རྒྱལ་སར་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ། བོད་ཀྱི་སྐད་དོད་བསྒྱུར་བཅོས་ཀྱི་སྲིད་ཇུས་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་མཉམ་དུ་བཙན་བྱོལ་སློབ་གྲྭ་ཁག་གི་སློབ་མ་ཚོའི་དབར་གྱི་རྩོམ་རིག་དང་རིག་གནས་འདུ་འཛོམས་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་འདས་པའི་ལོ་ངོ་བཅུར་སྤེལ་བའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པ་དེའི་གནས་སྟངས་གང་འདྲ་བྱུང་ཡོད་པའི་ཐོག་བགྲོ་གླེང་ཞུ་རྒྱུ་ཡིན།

XS
SM
MD
LG